ཨེ་ཛིའི་ནད་པ་ཚོས་ནམ་རྒྱུན་བདེ་ཐང་བརྟག་བཤེར་འདི་དག་བྱ་དགོས་ཏེ། འགོག་གཟུགས་གྲུབ་མིན་གྱི་བརྟག་བཤེར་དང་། བརྡར་ཤ་གཅོད་པའི་བརྟག་བཤེར་དང་། ལུས་ཟུངས་ཀྱི་ཚད་ཀྱི་བརྟག་བཤེར་དང་། ནད་དུག་གི་འདུས་ཚད་ཀྱི་བརྟག་བཤེར་དང་། ལུས་པོའི་ཁྱོན་ཡོངས་ཀྱི་བརྟག་བཤེར་དང་། སྨན་དྲེད་དུ་སོང་མིན་གྱི་བརྟག་བཤེར་བཅས་སོ། ། Get link Facebook X Pinterest Email Other Apps July 04, 2016 མི་ཞིག་ལ་ཨེ་ཛིའི་ནད་དུག་འགོས་ནས་ནད་དུག་གི་མགོ་གནོན་བྱེད་ཀྱི་སྨན་འཐུང་བའི་གོ་རིམ་དུ་བརྟག་བཤེར་ཆེན་པོ་དྲུག་བྱེད་དགོས་པ་ཡིན། དང་པོ། ཨེ་ཛིའི་ནད་དུག་འགོས་ཡོད་མེད་ཀྱི་བརྟག་བཤེར་བྱེད་པ་དང་། གཉིས་པ། ནད་དུག་དེ་འགོས་པ་ཡིན་མིན་གྱི་བརྡར་ཤ་གཅོད་པའི་བརྟག་བཤེར་དང་། གསུམ་པ། ནད་དུག་འགོས་ཡོད་པ་ཐག་ཆོད་དུས་ལུས་པོའི་ཟུངས་ཅི་འདྲ་ཞིག་ལྷག་ཡོད་པའི་སྐོར་བརྟག་རྒྱུ་དང་། བཞི་པཞ དེ་ནས་ཁྲག་ཧོ་ཧྲིན་རེ་རེའི་ནང་གི་ཨེ་ཛིའི་ནད་དུག་གི་འདུས་ཚད་ལ་བལྟ་རྒྱུ་དང་། ལྔ་པ། ཨེ་ཛིའི་ནད་དུག་གི་མགོ་གནོན་བྱེད་ཀྱི་སྨན་མ་འཐུང་བའི་སྔོན་དུ་ལུས་པོ་ཡོངས་རྫོགས་ལ་བརྟག་དཔྱད་བྱས་ནས་དེའི་མཇུག་འབྲས་ལ་གཞིགས་ཅིང་ནད་དུག་གི་མགོ་གནོན་བྱེད་ཀྱི་སྨན་བསྟེན་དགོས་པ་ཡིན། དྲུག་པ། དེ་ནས་ཨེ་ཛིའི་ནད་དུག་གི་མགོ་གནོན་བྱེད་ཀྱི་སྨན་བསྟེན་པའི་རྗེས་ཀྱི་ཟླ་བ་དྲུག་རེའམ་ལོ་རེ་ཡི་མཚམས་ནས་ནད་དུག་གི་རྣམ་པ་སྨན་དྲེད་དམ་སྨན་གྱི་ནུས་པ་མི་ཐོན་པར་འགྱུར་གྱིན་ཡོད་མེད་ལ་བརྟག་པ་བཅས་ཡིན། Get link Facebook X Pinterest Email Other Apps
࿐ ཁྱིམ་ཆས་དང་ཐབ་ཆས་ཀྱི་སྐོར། July 06, 2016 སློབ་དཔོན་ཆེན་མོ་ཐོན་མིའི་ལོ་རྒྱུས་དང་འབྲེལ་ཏེ་ཡི་གེའི་བྱུང་བ་བརྗོད་པ། དགེན་ལྕགས་ཐར་རྒྱལ་གྱིས། 1
༄༅། །ལྡུམ་ཚལ་དང་སིལ་ཏོག་གི་སྐོར། July 06, 2016 རྒྱ་བོད་དབྱིན་གསུམ་ཚིག་མཛོད་ཆེན་མོ་ཇི་ལྟར་བསྒྲུབ་ཚུལ་ལ་བཅར་འདྲི། མཁས་དབང་༧གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ། 1