ནོར་བཟང་རིན་མེད་སློབ་ཁྲིད། Get link Facebook X Pinterest Email Other Apps July 05, 2016 ནོར་བཟང་རིན་མེད་སློབ་ཁྲིད། དང་པོ། ངོ་སྤྲོད་མདོར་བསྡུས། ནོར་བཟང་དྲ་ལམ་སློབ་ཁྲིད་ནི་སྤྱི་ལོ་༢༠༡༤ལོའི་ལོ་མཇུག་ཏུ་གསར་དུ་དབུ་བརྙེས་པའི་དྲ་ལམ་སློབ་ཁྲིད་ཅིག་ཡིན་ལ། སྐབས་དང་པོའི་དྲ་ལམ་སློབ་ཁྲིད་ཀྱི་ནང་དུ་ཁྲིད་བྱ་གཙོ་བོ་AdobePhotoShopདང་། CorelDRAWམཉེན་ཆས་གཉིས་གཞིར་བཞག་གི་སྟེང་ནས་ངོས་སྙོམ་ཇུས་འགོད་སྐོར་ཀྱི་སློབ་ཁྲིད་བྱས་པ་ཡིན་ཞིང་། སློབ་མ་རྣམ་ལ་ཡང་ཡར་ཐོན་མངོན་གསལ་དོད་པོ་བྱུང་བ་དང་། ནོར་བཟང་དྲ་ལམ་སློབ་ཁྲིད་སྐབས་གཉིས་པར་རྩིས་འཁོར་གྱི་རྨིང་གཞིའི་སྐོར་གྱི་དམའ་རིམ་སློབ་ཁྲིད་དང་། ངོས་སྙོམ་ཇུས་འགོད་སྐོར་གྱི་མཐོ་རིམ་སློབ་ཁྲིད་གཉིས་བྱས་པས་སློབ་མ་དག་གིས་ཀྱང་ཕན་ཐོག་བྱུང་སོང་ཟེར་ནས་མཐེ་བོང་ཀེར་གི་འདུག་པ་དང་། ནོར་བཟང་དྲ་ལམ་སློབ་ཁྲིད་སྐབས་གསུམ་པའི་ནང་དུ་ཡང་བསྐྱར་AdobePhotoShopརྨང་གཞི་ནས་བཟུང་སྟེ་དམའ་རིམ་དང་མཐོ་རིམ་སློབ་ཁྲིད་གཉིས་བྱས་པས་སློབ་མ་དག་ལ་ཕན་ཐོག་རྒྱ་ཆེར་བྱུང་ཡོད།ནོར་བཟང་དྲ་ལམ་སློབ་ཁྲིད་ལ་བསྟེན་ནས་ཕྱོགས་སོ་སོ་རུ་རྩིས་འཁོར་ཕྱོགས་ཀྱི་ལས་ཁུང་ཆུང་ངུ་རེ་འཛུགས་མཁན་ཡང་མང་ཙམ་བྱུང་ཡོད། དེ་བས་ང་ཚོས་ཀྱང་སློབ་མ་དག་གི་རེ་བ་དང་། སྦྱོང་འདུན་ཡོད་ཅིང་འབྱོར་འཁོས་ཅུང་ཞན་པའི་སློབ་མ་དག་ལ་དམིགས་ནས་ཐེངས་འདིར་ནོར་བཟང་དྲ་ལམ་སློབ་ཁྲིད་སྐབས་བཞི་པའི་རིན་མེད་སློབ་ཁྲིད་མགོ་རྩོམ་རྒྱུ་ཡིན།གཉིས་པ། སློབ་ཁྲིད་བྱེད་སྟངས་སྐོར། ཐེངས་འདིའི་སློབ་ཁྲིད་ནི་ཐིན་ཤིན་སློབ་ཁང་(腾讯课堂)ནང་དུ་ཞུགས་ཡོད་པས། སློབ་ཁྲིད་ལ་ཞུགས་མཁན་དག་ཀྱང་སྔོན་མ་ལྟར་དུ་ཁྱེའུ་འཕྲིན་ཚོགས་པ་སོགས་ལས་སློབ་ཁྲིད་ལ་ཉན་ཐུབ་མིན་དང་། ཚོགས་པའི་ནང་ཤོང་མིན་སོགས་ཀྱི་དཀའ་ངལ་ལ་འཕྲད་མི་དགོས་པར་རྩིས་འཁོར་དང་ཁ་པར་གང་ཡིན་རུང་། ཁྱོད་ཀྱིས་སྐུད་མེད་དྲ་ཡོད་ས་ཞིག་ཏུ་ཁྱེའུ་འཕྲིན་QQསྒོ་ཕྱེས་ནས་ཐད་ཀར་ཉན་ན་ཆོག གསུམ་པ། སློབ་ཚན་ངོ་སྤྲོད།ཐེངས་འདིའི་སློབ་ཁྲིད་ནང་ཐེངས་སྔོན་མའི་སློབ་མ་མང་པོ་ཞིག་གི་རེ་བ་ལྟར་དུ་windowsརྩིས་འཁོར་མ་ལག་གི་ཉེར་མཁོའི་སྐོར་དང་། 安卓ཨན་གྲོ་མ་ལག་གི་ཉེར་མཁོའི་སྐོར། ཀུ་ཤུ་མ་ལག་གི་ཉེར་མཁོའི་སྐོར་སྟེ་མ་ལག་གསུམ་གྱི་ཉེར་མཁོའི་ཤེས་བྱའི་སྐོར་ནས་སློབ་ཁྲིད་བྱེད་རྒྱུ་ཡིན། བཞི་པ། སློབ་མའི་གྲངས་ཀ་དང་། སློབ་ཁྲིད་ལ་ཞུགས་པའི་ཆ་རྐྱེན། ཐེངས་འདིའི་སློབ་མའི་གྲངས་ཀ་ལ་ཚད་བཀག་མེད་ཅིང་། སློབ་མ་ག་ཚོད་འོང་ན་ང་ཚོས་དགའ་བསུའི་སྒོ་ཆེན་ནམ་ཡང་ཕྱེས་ནས་ཡོད་པས་ཁྱེད་ཉིད་ཕེབས་པར་དགའ་བས་བསུ། ལྔ་པ། འབྲེལ་ཡོད་གནས་ཚུལ་སྐོར།ཐེངས་འདིའི་སློབ་ཁྲིད་བྱེད་དུས་ཀྱི་དུས་ཚོད་ནི་ཟླ་འདིའི་ཚེས་ལྔ་ཉིན་ནས་མགོ་འཛུགས་རྒྱུ་ཡིན་ལ། ཚེས་གཅིག་ནས་ལྔ་བར་མིང་ཐོ་འགོད་རྒྱུ་ཡིན། སློབ་ཁྲིད་བྱེད་དུས་ཀྱི་དུས་ཚོད་ནང་དུ་ཡང་ཁྱེད་རང་མིང་ཐོ་བཀོད་ནས་མཉམ་ཞུགས་བྱེད་ཆོག སློབ་ཁྲིད་དུས་ཚོད་དགུང་མོ་དུས་ཚོད་༩ནས་བཅུ་བར་གྱི་དུས་ཚོད་གཅིག་གི་རིང་ཡིན་པས་སློབ་ཁྲིད་ལ་ཞུགས་འདུན་ཡོད་པའི་སློབ་མ་དག་དུས་ལྟར་ཕེབས་པར་ཞུ། དྲུག་པ། མིང་ཐོ་འགོད་སྟངས་སྐོར། ཁྱེད་ཀྱིས་འོག་གི་དྲ་ཚུགས་སམ། འཕྲིན་སྟེགས་ཀྱི་阅读原文ཞེས་པའི་རྒྱ་ཡིག་ལ་མནན་ནས་སློབ་ཁྲིད་དྲ་ངོས་སུ་འཛུལ་ཐུབ་ལ། མིང་ཐོ་འགོད་པར་ཁ་པར་ལས་མིང་ཐོ་འགོད་སྟངས་དང་། རྩིས་འཁོར་ལས་མིང་ཐོ་འགོད་སྟངས་རིགས་གཉིས་སུ་ཕྱེས་ཏེ་འོག་ཏུ་པར་རིས་ཀྱི་རྣམ་པའི་སྟེང་ནས་གསལ་བཤད་ཞིབ་པར་བྱས་ཡོད། མིང་ཐོ་འགོད་ཡུལ་གྱི་དྲ་གནས། https://norrang.ke.qq.com/དང་པོ། རྩིས་འཁོར་ལས་མིང་ཐོ་འགོད་སྟངས། ༡ པར་རིས་འདིའི་སྟེང་དུ་ནོན། ༢ ཡི་གེ་འདིའི་སྟེང་དུ་ནོན། མཚམས་འདིར་ཁྱེད་ཀྱི་ཁྱེའུ་འཕྲིན་ཐོ་འགོད་བྱས་མེད་ཚེ་ཐོ་འགོད་བྱེད་ཡུལ་འཆར་འོང་བས་དེ་རུ་ཐོ་འགོད་བྱས་རྗེས་ད་གཟོད་མིང་ཐོ་འགོད་ཆོག ༣ ཡི་གེ་འདིའི་སྟེང་དུ་ནོན། ༤ བརྡ་ཐོ་འདི་འབྱོར་དུས་ཁྱེད་ཀྱིས་མིང་ཐོ་བཀོད་ཟིན། གཉིས་པ། ཁ་པར་ལས་མིང་ཐོ་འགོད་སྟངས། ༡ པར་རིས་འདིའི་སྟེང་དུ་ནོན། ༢ ཡི་གེ་འདིར་ནོན། ༣ འདིར་ནོན་ལ་ཐག་གཅོད་བྱོས། གསལ་བཤད། མིང་ཐོ་བཀོད་ཚར་རྗེས་རབ་ན་腾讯课堂ཞེས་པའི་མཉེན་ཆས་འདི་ཕབས་ལེན་བྱོས་ལ་རང་ཉིད་ཀྱི་འཕྲིན་ཕྲན་བཀོལ་ནས་ནང་འཇུག་བྱ་རོགས། གལ་ཏེ་ནང་ཕབས་ལེན་བྱེད་མ་ཐུབ་ན་ཡང་ང་ཚོའི་ཁྱེའུ་འཕྲིན་ཚོགས་པར་ཞུགས་ནས་སློབ་ཁྲིད་ལ་མཉམ་ཞུགས་བྱེད་ཆོག སློབ་ཁྲིད་ལ་ཞུགས་ཡུལ་གྱི་ཁྱེའུ་འཕྲིན་ཚོགས་པ་དང་པོ། སློབ་ཁྲིད་ལ་ཞུགས་ཡུལ་གྱི་ཁྱེའུ་འཕྲིན་ཚོགས་པ་གཉིས་པ། bochudougaནོར་བཟང་འཕྲིན་སྟེགས་ལ་དོ་ཁུར་བྱེད་ཡུལ། འདིར་མནན་ནས་མིང་ཐོ་འགོད་པར་ཕེབས་ཆོག Get link Facebook X Pinterest Email Other Apps
࿐ ཁྱིམ་ཆས་དང་ཐབ་ཆས་ཀྱི་སྐོར། July 06, 2016 སློབ་དཔོན་ཆེན་མོ་ཐོན་མིའི་ལོ་རྒྱུས་དང་འབྲེལ་ཏེ་ཡི་གེའི་བྱུང་བ་བརྗོད་པ། དགེན་ལྕགས་ཐར་རྒྱལ་གྱིས། 1
༄༅། །ལྡུམ་ཚལ་དང་སིལ་ཏོག་གི་སྐོར། July 06, 2016 རྒྱ་བོད་དབྱིན་གསུམ་ཚིག་མཛོད་ཆེན་མོ་ཇི་ལྟར་བསྒྲུབ་ཚུལ་ལ་བཅར་འདྲི། མཁས་དབང་༧གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ། 1