རྒྱུན་མཐོང་ནད་རིགས་སྐོར་ཞིག་གི་ཟས་སྤྱོད་ཀྱི་ཟིན་བྲིས།

རྩོམ་པ་པོ། འབྲོག་ཤེས་རབ།
རིག་པའི་གཞུང་ལུགས་དང་དེའི་ལག་ལེན་ཤེས་མཁན་གྱི་སྨན་པ་དག་ལ་ཆེར་མི་ཕན་ཡང་། བརྒྱ་ཆ་བགོས་ན་དེ་འདྲའི་ལག་ལེན་དང་། སློབ་སྦྱོང་བྱེད་མྱོང་མེད་པའི་མང་ཚོགས་ཕལ་བ་མང་སྟབས། མི་ནད་ཐམས་ཅད་ཟས་ནད་ལས་བྱུང་བ་ཡིན་པས་། རྒྱུན་ཤེས་ནི་འཚོ་བའི་ཚེ་སྲོག་རེད་ཅེས་པ་ལྟར། རྒྱུན་ཤེས་ཙམ་གྱི་རྨོངས་བའི་ང་དང་ང་ལྟ་བུའམ། ནད་ཅན་དང་ནད་མེད་གང་ཡང་རུང་བ་ལ། འཚོ་བའི་ཁྲོད་སྔོན་འགོག་གི་འདུ་ཤེས་བཟང་པོ་དང་། ནད་རང་རང་གི་ཕན་གནོད་ཀྱི་ཟས་སྤྱོད་ཙམ་ངོས་ཟིན་ཐོབ་ན་རང་རང་གི་བདེ་སྐྱིད་ཡིན། 
གཅིག རླུང་ནད་ཅན་ཚོས། བཅུད་མེད་པའི་ཁ་ཟས་སམ་རླུང་སློང་བར་བྱེད་པའི་ཟས་སྤྱོད་ལ་འཛེམ་དགོས། ནས་ཁུ། རྩམ་པ། ཤ་ཁུ། སྐྱོ་མའམ་ཟས་སྣུམ་བཅུད་ལྡན་ཞིང་དྲོ་བའི་རིགས་བསྟེན་པ་གལ་འགང་ཆེ། 
གཉིས། ཆམ་ནད་ཕོག་པ་ཚོས། ཁ་ཟས་སུ་ཚྭ། སྒོག་པ། ཁ་ཚ། ལུག་ཤ ཉ་ཤ སྣུམ་ཟས། སྐྱུར། མངར་ཟས། ལུས་གྲང་དུ་མི་བཅུག་པ། ཉལ་བོ་ཆེར་སྤྱོད་པ་ལ་འཛེམ་དགོས། 
གསུམ། མ་ཞུ་བའི་ནད་ཡོད་པ་ཚོས། ཟས་ཚོད་རན་པར་ཟ་བ་དང་། རྗེན་ཟས་སམ་མ་ཚོས་པ། རྙིང་བ། གྲང་མོ། འཇུ་དཀའ་བ། མ་གོམས་པའི་རིགས་སྤང་། ཟས་སྤྱོད་དྲོད་བཅུད་རན་པར་བསྟེན་པ། ནང་ནུབ་རྒྱ་ཚྭའི་ཆུ་ཁོལ་བཏུང་ན་ཕན། 
བཞི། དབུགས་མི་བདེ་བའི་ནད་པས། ཞག་ཚིལ་དང་། གྲང་མོ། རྗེན་པའི་རིགས། བསྙལ་ཚོད་སོགས་འཛེམ་དགོས། ལུས་ཁམས་གྲང་བའི་སར་ཡུན་རིང་འདུག་པ་དག་སྤང་།
ལྔ། གློ་ནད་ཅན་ཚོས། དུ་བ་དང་། ཆང་། ཙོང་། སྒོག་པ། སྒ་སྐྱ། གཡེར་མ། སྣུམ་བསྲེག་རིགས། ཁ་ཚ། འོས་མཚམས་ཀྱི་ལུས་པོ་འགུལ་དགོས། ཐལ་རྡུལ་དང་སྨུག་ལ་གཡོལ་དགོས། 
དྲུག སྙིང་གི་ནད་གཞི་ཅན་ཚོས། སྣུམ་རིགས་སྤྱི་དང་། འཇུ་དཀའ་བ། ཇ་གར་པོ། ཆང་རག ཁོང་ཁྲོ། ཞེ་སྡང་ལངས་པ་སོགས་ལ་འཛེམ་དགོས། མ་འོངས་པའི་མདུན་བསུ་བ་དང་འདས་པའི་རྗེས་བཅད་པ་སོགས་སྤང་ནས་སེམས་བརྣལ་དུ་གནས་པ་གལ་ཆེ། 
བདུན། ཁྲག་ཤུགས་མཐོ་བའི་ནད་པས། ཆང་དང་། དུ་བ། སྣུམ་ཚིལ། ཚྭ། ཇ་གར་པོ། ལུག་ཤ ཤ་མོག གཉིད་ཚིམས་པར་བྱེད་པ། ཟང་ཟང་སོགས་ལ་མཉམ་འཇོག་དགོས་ཀྱིན་འདུག 
བརྒྱད། བརྒྱལ་འབོགས་འགྲོ་བའི་ནད་པས། ཟས་སུ་ཕག་ཤ ཉ་ཤ ཇ་གར་པོ། ཆང་རག འོད་ཤིན་ཏུ་འཚེར་བ། སྒོག་རིགས་སོགས་བློ་བར་དུ་བྱུང་བའི་མི་སྙན་པའི་གཏམ་ངན་སྣ་ཚོགས་སོགས་ལ་འཛེམ་པ་གལ། 
དགུ། མཁྲིས་ནད་ཅན་ཚོས། ནོར་ལག་གི་ཤ ཕག་ཤ་ཚོན་པོ། བྱ་སྒོང་། ཆང་རག ཚིག་ཇ། སྣུམ་བཅུད་ཚ་རྣོ་སོགས་ལ་འཛེམ་དགོས། བསིལ་སར་སྡོད་པ་དང་ཡང་ན་མལ་དུ་ཉལ་ནས་ངལ་གསོ་བྱེད་པ། ཞེ་སྡང་དང་ཐུགས་ལས་སྣ་ཚོགས་སྤོང་། 
བཅུ། ཁྲག་རླུང་སྟོད་ཚང་ཀྱི་ནད་ཡོད་པ་ཚོས། དུ་བ་དང་། ཆང་རག སྣུམ་བཅུད་ལ་འཛེམས་དགོས། ཁོང་ཁྲོ། ས་མཐོ་སར་མི་འགྲོ་བ། རྩོལ་བཅག་རྒྱུན་དུ་བསྟེན་པ། 
བཅུ་གཅིག རྩ་དཀར་གྱི་ནད་གཞི་ཅན་ཚོས། ཕག་ཤ ལུག་ཤ ཇ་གར་པོ། ཆང་རག སེམས་མི་སྐྱིད་པ། སྒྲ་ཆེན་པོའི་ཁྲོད་དུ་འདུག་པ། ཡི་གེ་སོགས་ཡུན་རིང་བྲིས་པ་སོགས་ལས་བྱུང་བར་བཤད། 
བཅུ་གཉིས། མཆིན་ནད་ཅན་གྱིས། ཆང་རག དུ་བ། ཁ་ཚ། སྣུན་ཅན། སྒོ་ང་། འཇུ་དཀའ་བའི་ཟས་རིགས། བྱ་བ་དྲག་ཤུལ། ཁོང་ཁྲོ། མྱ་ངན། སྒོག་པ་སོགས་འཛེམ་དགོས། 
བཅུ་གསུམ། མཁལ་ནད་ཅན་ནད་ཀྱིས། སྒོག་རིགས་དང་། མངར་ཟས། ཞོག་ཁོག སྣུན་ཆེན། ཁ་ཚ། དུ་ཆང་དང་བརླན་གྲང་དང་བསེར་བུ་ལ་འཛེམ་ཏེ་ངལ་རྩོལ་སོགས་བྱ་མི་ཉན། 
བཅུ་བཞི། གཅིན་སྙི་ཟ་ཁའི་ནད་པས། ཞོག་ཁོག་དང་། འཇུ་དཀའ་བ། མངར་ཆའི་རིགས། ཇ་གར་པོ། ཁ་ཚ། དུ་ཆང་། སེམས་ལྷོད་ལ་བབས་པ། རྐང་བར་འཕུར་མཉེན་བྱས་ན་ཁྲག་གི་མངར་ཆ་ཇེ་དམའ་རུ་འགྲོ་བ། འབྲས་བཀྲུས་ཁུ་བས་ཕན་པར་བཤད། ད་དུང་ལྷོ་ཀུབ་སོགས་ཀྱི་ཕན་པར་བཤད། 
བཅོ་ལྔ། གྲུམ་བུའི་རིཊ་ཀྱི་ནད་གཞི་ཡོད་པ་ཚོས། མར་སྣུམ། བསྙལ་ཚོད། སྐྱུར་རིགས། རྗེན་ཟས། ཆང་རག གོས་སྲབ་གྱོན་པ་དང་ལུས་གྲང་སོགས་འཛེམ་དགོས། 
བཅུ་དྲུག སྐྲན་ནད་ཡོད་པ་ཚོས། ཟས་དྲོད་བཅུད་ཅན་འཇུ་བདེ་ཞིང་མེ་དྲོད་བསྐྱེད་པའི་ཁ་ཟས་དང་། བཅུད་མེད་སྟབས་ཐུག་སོགས་དང་། བསིལ་ཕྱོགས་ཐམས་ཅད་སྤང་དགོས། སྒོག་པས་སྐྲན་མེད་པ་སོགས་ལ་སྔོན་འགོག་བྱེད་ཐུབ་ཀྱང་ཡོད་ན་གནོད་པ་ཡོད་སྐད། རྩོལ་བཅག་རྡོ་དུགས་སོགས་ཕན།

Popular posts from this blog