ཁོར་ཡུག་དང་རང་ལུས་ལ་གཙང་སྦྲ་དམ་འཛིན་བྱོས། Get link Facebook X Pinterest Email Other Apps July 04, 2016 རྩོམ་པ་པོ། ཤར་དུང་ཟླ། འཕྲོད་བསྟེན་གཙང་སྦྲའི་ཕྱོགས་ལ་སྣང་མེད་བྱས།། མཁའ་དབུགས་གཙོག་པའི་ནད་རིགས་སྣ་ཚོགས་འབྱུང་།། ཁོར་ཡུག་རང་ལུས་གཙང་སྦྲ་གལ་ཆེ་བས།། ཆམ་རིམས་ནད་འབུ་ཕྲ་སྲིན་སྲོག་ལ་འཚེ།། དེང་སང་ས་གནས་སོ་སོར་དང་འབྲོག་པ་མང་ཚོགས་རྣམས་་རྒྱུན་དུ་འཚོ་བའི་ཁྲོད་ལ་ཆམ་རིམས་ཕོག་པ་མོད་པོ་འདུག ཆམ་རིམས་ནི་ནད་དུག་འགོས་ཕོག་བྱུང་ནས། ཁྱབ་གདལ་དུ་འགྲོ་བའི་འགོས་ནད་ཞིག་ཡིན་ལ། དེ་ནི་རང་རང་གི་ཁོར་ཡུག་གི་མཁའ་དབུགས་མ་གཙང་བའི་རྐྱེན་གྱིས་མཁའ་རླུང་དང་ཐལ་རྡུལ་གཙོག་པ་བརྒྱུད་ནས་མི་དང་སྲོག་ཆགས་བར་ལ་འགོས་འགྲོ།ནད་དུག་འདི་ནི་དགུན་དཔྱིད་སོགས་ཀྱི་རྣམ་གཤིས་འགྱུར་ལྡོག་ཆེ་བ་དང་ལུས་པོ་ཚ་གྲང་འཐབ་པ་སོགས་དང་།ལྷག་པར་དུ་གཙང་སྦྲ་ལ་རག་ལས་ཡོད། དབུ་མ་བཞི་བརྒྱ་པ་ལས། ལུས་ནི་དགྲ་ལྟར་མཐོང་མོད་ཀྱང་།།དེ་ལྟ་ན་ཡང་དེ་བསྲུངས་བྱ།།ཁྲིམས་ལྡན་ཡུན་རིང་འཚོ་བ་ན།།དེ་ལས་བསོད་ནམས་ཆེན་པོ་འབྱུང་།།ཞེས་གསུངས་པའི་དོན་རྣམས་ཡང་དག་པར་སྤྲོ་འདུན་ཞུ་འོས།དུས་ནམ་ཡང་ཁོར་ཡུག་ལ་གཙང་སྦྲ་བྱས་ན་རང་གི་མིག་སྔོན་ལ་ཡང་མཛེས་པོ་ཞིག་དང་།རང་ལུས་ལ་ཕན་འདོགས་ཆེན་པོ་འདུག རྒྱུན་དུ་གོན་པ་དང་ཁ་ལག་བཀྲུ་དགོས། ལུད་པ་ལུ་བ་དང་ཧབ་སྦྲིད་རྒྱབ་སྐབས་གཙང་ཤོག་དང་རས་གཙང་མ།ཡང་ན་ལྭ་བའི་ཕུ་རིང་གིས་ཁ་བཀབ་དགོས། ནང་དགོས་མང་པོ་འདུས་སའི་སྐབས་སུ་ངེས་པར་དུ་ཕུ་རིང་དང་ཁ་ཤུབས་སོགས་ཀྱིས་ཁ་བཀབ་པ་གལ་ཆེ། མི་གཞན་གྱི་ཁ་དང་སྣ་ཁུང་ནང་གི་དབུགས་ལམ་བརྒྱུད་ནས་ནད་རིམས་སྣ་ཚོགས་འགོས་ཉེན་ཆེའོ།།ནད་རིམས་སོགས་ནི་ཕྲ་ཞིང་ཞིབ་པས་མི་རྣམས་ཀྱིས་མཐོང་མི་ཐུབ། ཁོར་ཡུག་དང་རང་ལུས་གཅེས་སྤྲས་ལེགས་པོར་བྱེད་པ་གལ་ཆེ། རྒྱུན་དུ་མི་རྣམས་ཀྱིས་གཙང་སྦྲ་བྱས་ནས་ལུས་པོ་བདེ་སྲུངས་སོགས་ཀྱི་ཕྱོགས་ལ་དོ་ཁུར་བྱ་དགོས།ནད་དུག་སོགས་ལ་དོགས་ཟོན་མ་བྱས་ན་མི་ལུས་རིན་ཆེན་གྱི་བདེ་ཐང་ལ་གནོད་པ་ཚབ་ཆེན་བཟོ་སྲིད།ལྷག་པར་དུ་དེང་སང་འཛམ་གླིང་གི་ས་ཆ་གང་དུ་ཁྱབ་ཡོད་པའི་རིམས་ནད་འཇིགས་སུ་རུང་།སྐྱུག་བྲོ་བ།ཡ་ང་བའི་ཨེ་ཛིའི་ནད་དེ་ལ་གཟབ་རོགས།ཚང་མའི་འཁོར་ཡུག་དང་རང་ལུས་གཅེས་སྤྲས་ཡག་པོར་བྱེད་པ་གལ་ཆེ། ནད་འདི་དེང་སྐབས་ཐལ་རྡུལ་ལྟར་གང་སར་མཆེད་བཞིན་པའི་སྐབས་འདིར་ངེད་ཅག་བོད་པ་རྣམས་ཀྱིས་མྱུར་དུ་འཁོར་ཡུག་གཙང་སྦྲ་དང་།རང་ལུས་བདེ་བསྲུངས་དང་།འཕྲོད་བསྟེན་སོགས་ཀྱི་ཕྱོགས་ལ་དོ་སྣང་བྱས་ནས་ཚེ་སྲོག་འཕྲོག་པར་བྱེད་པའི་ནད་ངན་འདི་དག་སྔོན་འགོག་དམ་འཛིན་བྱེད་རྒྱུ་གལ་ཆེན་ཞིག་ཡིན་པར་སྣང་། ཐུགས་རྗེ་ཆེ། Get link Facebook X Pinterest Email Other Apps
࿐ ཁྱིམ་ཆས་དང་ཐབ་ཆས་ཀྱི་སྐོར། July 06, 2016 སློབ་དཔོན་ཆེན་མོ་ཐོན་མིའི་ལོ་རྒྱུས་དང་འབྲེལ་ཏེ་ཡི་གེའི་བྱུང་བ་བརྗོད་པ། དགེན་ལྕགས་ཐར་རྒྱལ་གྱིས། 1
༄༅། །ལྡུམ་ཚལ་དང་སིལ་ཏོག་གི་སྐོར། July 06, 2016 རྒྱ་བོད་དབྱིན་གསུམ་ཚིག་མཛོད་ཆེན་མོ་ཇི་ལྟར་བསྒྲུབ་ཚུལ་ལ་བཅར་འདྲི། མཁས་དབང་༧གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ། 1