གནས་མཆོག་སྟག་ལུང་།
སྨྱོན་མེ་འབར།
བསིལ་ལྗོངས་ཁ་བའི་ལྟེ་བར་འཁྱིལ་བའི་རུ་བཞིའི་ཡ་གྱལ་དབུ་རུའི་རྒྱུད།།
རྒྱལ་བས་ལུང་བསྟན་ཤིང་ཀུན་གྲོང་ཞེས་དཔའ་བོ་སྟག་གི་ལུང་པ་དང་།།
ངེས་དོན་འདུས་པའི་གླིང་ཞེས་གྲགས་པའི་སྟག་ལུང་པ་ཡི་ཆོས་སྡེ་སོགས།།
ངོ་མཚར་ཁྱད་འཕགས་གནས་མཆོག་འདི་འདྲ་འཛམ་བུའི་གསེར་བཞིན་རེ་འགའ་ཙམ།།
ཕྱོགས་བཞིའི་རི་བོ་མཐོ་ལ་བརྗིད་པའི་རིན་ཆེན་ནོར་བུའི་གཏེར་ཁ་དང་།། རྩྭ་དང་རྩི་ཤིང་མ་ལུས་རྒྱས་ཤིང་མེ་ཏོག་སྣ་ཚོགས་རབ་ཏུ་བཞད།།
དེ་ལ་གནས་པའི་རི་དྭགས་དག་ཀྱང་རྩེད་འཇོར་རོལ་བཞིན་ཅི་དགར་འཚོ།།
ཡིད་ཀྱིས་བྲིས་འདྲའི་ཡུལ་གྱི་བཀོད་པས་སྐྱེ་བོའི་རྣམས་ཀྱི་བརྟན་པ་འཕྲོག །
མོས་གུས་དྭངས་མས་མཆོད་ཡོན་ཕུལ་འདྲའི་སྤྲག་ཆུ་སྔོན་མོའི་རྦ་རླབས་དང་།།
རེག་པ་ཙམ་གྱི་ཏིང་འཛིན་འཕེལ་བའི་ཕུ་ཆུ་འོ་མའི་བཞུར་སྒྲ་སོགས།།
འདྲ་མིན་ཆུ་མིག་གང་སར་ཁྱབ་པའི་གནས་བཟང་འདི་ཀོའི་མཛེས་པ་ནི།།
མཐོང་བ་ཙམ་དུ་ཡིད་སེམས་མགུ་བཞིན་དགའ་བའི་འཛུམ་མདངས་འཆོར་ཉེན་ཡོད།།
ཆར་སྤྲིན་འཁྲིགས་འདྲའི་ནགས་ཚལ་སྟུག་པོས་གནས་རི་ཕལ་ཆེར་ཁེབས་པ་དང་།།
ཚང་སྲས་ལྷ་མོས་རྒྱུད་མང་དཀྲོལ་འདྲའི་ངག་སྙན་སྦྱིན་པའི་བྱ་བྱེའུ་ཁྱུ།།
བདེ་དགར་རོལ་བའི་རིན་ཆེན་གནས་མཆོག་ཤིང་ཀུན་གྲོང་ཞེས་གྲགས་པ་འདི།།
འཆི་མེད་གྲོང་ཁྱེར་མངོན་སུམ་མིན་ཡང་དེ་ལ་འགྲན་པའི་སྤོབས་པ་ཡོད།།
ལས་ཅན་སྐྱེ་རྒུའི་བསོད་ནམས་ཞིང་མཆོག་སྟག་ལུང་ཐང་གི་ཆོས་གྲྭ་ཆེ།།
ངུར་སྨྲིག་འཛིན་པའི་འདུས་སྡེ་ཟབ་མོ་དམ་ཆོས་བདུད་རྩིའི་བཅུད་ཀྱིས་འཚོ།།
མཇལ་བ་ཙམ་དུ་མགོས་ཕྱག་ཤོར་བའི་དོན་གྱི་ཆོས་གནས་དམ་པ་འདི།། མི་འཁྲུགས་རྒྱལ་བའི་རྡུལ་ཞིང་ཡིན་པའི་དེ་ཙམ་གནས་ཀྱི་དོ་ཟླ་མིན།།
མ༵་ལུས་འགྲོ་བའི་སྐྱབས་ཀྱི་མགོན་པོ་སངས་རྒྱས་མི་ཡི་གཟུགས་སྤྲུལ༵་བ།།
ཞབ༵ས་ཀྱི་པད་མོར་ཀུན་གྱིས་དད་པའི་སྙིང་རྗེའི་བདག་ཉིད་དྲུང༵་པ་རྗེ།།
རྩེ༵་གཅིག་སྤྱི་བོའི་གཙུག་གི་རྒྱན་གཅིག་སེམས་དཔའ་ཆེན་པོ་མཆོག་གི་སྤྲུལ༵།།
འདི༵་གསུམ༵་གནས་དང་ཡུལ་གྱི་རྒྱན་ཡིན་བདག་དང་འགྲོ་བ་ཡོངས་ཀྱི་སྐྱབས།།
པིར་རྩལ་ཅན་པོས་བྲིས་པ་མིན་ཡང་དེ་བཞིན་ཡུལ་གྱི་བཀོད་པ་ཡོད།།
བདེ་ལྡན་དགའ་བའི་ཕོ་བྲང་མིན་ཡང་དེ་ལྟའི་གནས་ཀྱི་བརྗིད་ཉམས་ཡོད།།
པད་མའི་ཚལ་གྱི་ར་བ་མིན་ཡང་དེ་ཡི་རྗེས་འགྲོ་མཛེས་པ་ཡོད། མདོར་ན་སེམས་ཀྱི་རྟ་ཕོས་བཞེངས་འདྲའི་གནས་མཆོག་སྟག་ལུང་ཡུལ་གྱི་རྒྱན།།
༢༠༡༦/༧/༣ ཉིན་ལྷ་ལྡན་གྲོང་ནས།